འཚོ་བའི་འགྲོ་གྲོན་གྱི་རིང་གོང་འཕར་བ་བརྟེན་སྐྱེད་ཀ་མི་དགོས་པའི་བུན་གཡར།

BANKING STOCK SYDNEY

National Australia Bank (NAB) signage in Sydney, Friday, Oct. 23, 2015. More Australian homeowners are facing higher mortgage repayments after the National Australia Bank and ANZ have hiked their standard variable home loan interest rates. (AAP Image/Joel Carrett) NO ARCHIVING Credit: JOEL CARRETT/AAPIMAGE

Get the SBS Audio app

Other ways to listen

ཉེ་བའི་ལོ་ཤས་ནང་ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བའི་འགྲོ་གྲོན་ཟས་རིགས་དང་ཅ་དངོས་སོགས་ཀྱི་རིན་གོང་ཤུགས་ཆེ་འཕར་ནས་མི་མང་རྣམས་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་སྐབས་འདིར། ན་ནིང་ཨོ་སི་ཁྲུ་ལི་ཡ་གཞུང་གིས་མི་སྒེར་དང་ཁྱིམ་ཚང་རྣམས་ལ་ཅ་དངོས་ཉོ་བྱེད་སྐྱེད་ཀ་མི་དགོས་པའི་བུན་གཡར་ལས་རིམ་ཞིག་འགོ་འཛུགས་བྱས་ཡོད་འདུག


གཞུང་གི་སྐྱེད་ཀ་མི་དགོས་པའི་བུན་གཡར་དེ་མི་སྒེར་ཞིག་ལ་ལོ་རེའི་ཡོངས་འབབ་ཨོ་སྒོར་ཁྲི་བདུན་ ༧༠༠༠༠ ལས་ཉུང་བ་ཚོས་ཅ་དངོས་དཔེར་ན། འཁྱག་སྒམ་དང་གློག་ཀླད་གཞན་ཡང་སྨན་རིན་སོགས་ཀྱི་ཆེད་གཡར་ཆོག་གི་ཡོད་འདུག

སྙན་ཐོར་ལྟར་ན་ན་ནིང་ལོ་དེར་མི་སྒེར་དང་ཁྱིམ་ཚང་གྲངས་ ༤༢༠༠༠ ཙམ་ལ་སྐྱེད་ཀ་མི་དགོས་པའི་བུན་ལོན་གཡར་འདུག་པ་དང་། གོང་གི་ལོ་དང་བསྡུར་ནས་བུན་ལོན་གཡར་མཁན་གྱི་བརྒྱ་ཆ་ ༡༩ ཡར་འཕར་ཡོད་འདུག

བུད་མེད་ཅིག་གིས་ཉིན་རེ་ཉིན་རེའི་འཚོ་བའི་འགྲོ་གྲོན་ཆེ་དྲག་ནས་ངས་རང་གི་ཕྲུ་གུ་ཚོ་ལའང་མཐུན་རྐྱེན་སྤྲད་རྒྱུ་དཀའ་ལས་ཁག་པོ་འདུག་ཅེས་གསུངས་འདུག

ཁེ་ཊི་ Kate ལགས་ནི་ཕྲུ་གུ་གསུམ་གྱི་ཨ་མ་དང་གྲོང་ཁྱེར་མེལ་བྷོན་ནང་གནས་སྡོད་བྱེད་མཁན་ཞིག་རེད།

ཁོ་མོས་སྐྱེད་ཀ་མི་དགོས་པའི་བུན་གཡར་དེ་འདྲ་ཞིག་ཡོད་པ་ཧ་གོས་དུས་བུན་གཡར་དེའི་ཐོག་ནས་མི་ཚེའི་འཚོ་བ་འགྱུར་ལྡོག་དང་དཀའ་ངལ་ཆུང་དུ་ཕྱིན་སོང་ཞེས་འགྲེལ་བརྗོད་གང་འདུག

ཁོ་མོས་བུན་གཡར་དེའི་ཐོག་ནས་ཞལ་ལ་འཕྱི་ས་དང་། གད་རྒྱགས་སའི་འཕྲུལ་ཆས་དང་ཡི་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་བུ་ལ་བརྙན་འཕྲིན་ཞིག་ཉོ་ཐུབ་སོང་། ད་དུང་ངའི་བུ་མོ་ལ་སྒྲོག་རྩེ་ཞིག ང་རང་ཉིད་ལ་སྐམ་བཟོ་འཕྲུལ་ཆས་ཤིག་ཉོས་པ་ཡིན། བུན་གཡར་དེ་འདྲ་ཞིག་མེད་ན་ངས་ཅ་དངོས་དེ་ཚོ་ཉོ་མི་ཐུབ་ལ་ངས་རང་གི་ཕྲུ་གུར་ཅ་དངོས་དེ་ཚོ་ཉོ་ཐུབ་ཀྱི་མི་འདུག སྐྱེད་ཀ་མི་དགོས་པའི་བུན་གཡར་དེས་ང་ཚོ་ནང་མི་སྐྱིད་པོ་བཟོས་སོང་ཞེས་འགྲེལ་བརྗོད་གནང་འདུག

འོ་ན་སྐྱེད་ཀ་མི་དགོས་པའི་བུན་གཡར་ཟེར་བ་དེ་ག་རེ་རེད་དམ། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་དངུལ་ཁང་ NAB ཡི་འགན་འཛིན་ཇཱ་སེ་ཀཱ་པོ་རེ་ས་ཊི་ Jessica Forrest ལགས་ཀྱིས་འགྲེལ་བརྗོད་གནང་འདོན།

སྐྱེད་ཀ་མི་དགོས་པའི་བུན་གཡར་དེ་ནི་མི་མང་རྣམས་ལ་བདམ་ག་ཡག་པོ་ཞིག་རེད། དངུལ་དེ་དགོས་གལ་ཆེ་བའི་ཅ་དངོས་ཉོ་བྱེད་དུ་གཡར་ཆོག དེ་ཡང་སྒོར་མོ་ཕོན་ཆེན་པོ་མིན་པར་ཨོ་སྒོར་ ༢༠༠༠ དང་ཡང་ན་ ༣༠༠༠ མན་ཆད་ཅ་དངོས་ཉོ་བྱེད་དང་ཡང་ན་ཁང་པ་གཡར་སྐབས་གཏའ་མ་འཇོག་བྱེད་སོགས་ལ་གཡར་ཆོག དངུལ་དེ་གཡར་གླ་དང་སྐྱེད་ཀ་དེ་འདྲ་རྩ་བ་ནས་དགོས་ཀྱི་མེད། བུན་ལོན་རྗེས་སུ་ག་ལེར་བྱེད་ནས་གསབ་ཆོག་གི་ཡོད་པ་རེད་ཅེས་གསུངས་འདུག 

བུན་གཡར་གྱི་ལས་གཞི་དེ་ཨོ་སི་ཁྲུ་ལི་ཡའི་དངུལ་ཁང་ཆེ་ཁག་ཚོས་གཡར་གྱི་ཡོད་པ་དང་། ཡང་དངུལ་དེ་ཚོང་ལས་ཁེ་བཟང་གཉེར་མཁན་ཚོགས་སྡེ་ཁག་ལ་གཡར་གྱི་མེད་པ་རེད།

བུན་གཡར་ལས་གཞི་དེའི་མིང་ལ་ Good Shepherd ཞེས་ཟེར་གྱི་ཡོད་ཅིང་། དེ་ནི་ཕྱི་ལོ་ ༡༩༨༡ ལོར་འགོ་འཛུགས་དང་རྒྱལ་ཡོངས་ས་གནས་ཁག་ ༥༥༠ ཙམ་གྱི་ནང་ཁྱབ་ཀྱི་ཡོད་པ་དང་ལས་གཞི་དེ་ཡེ་ཤུའི་དགེ་རྩ་ཚོགས་པ་ Salvation Army སོགས་ཚོགས་སྡེ་ཁག་ ༡༢༠ ཙམ་གྱི་བརྒྱུད་ནས་བུན་གཡར་དེ་རག་གི་ཡོད་འདུག

ཇཱ་སེ་ཀཱ་པོ་རེ་ས་ཊི་ Jessica Forrest ལགས་ཀྱིས་འདས་པའི་ཟླ་བ་ ༡༢ ནང་བུན་ལོན་གཡར་མཁན་མི་སྒེར་དང་ཁྱིམ་ཚང་སྔར་ལས་ཇེ་མང་དུ་ཕྱིན་ཡོད་སྐོར་གསུངས་འདུག

སྲོལ་རྒྱུན་གྱི་དབང་དུ་བྱས་ན། སྐྱེད་ཀ་མི་དགོས་པའི་བུ་ལོན་ནི་གཙོ་བོ་མི་སྒེར་སོ་སོས་གཡར་བ་ཞིག་ཡིན། འོན་ཀྱང་། ད་ལྟ་ཁྱིམ་ཚང་མང་པོ་ཞིག་གིས་སྐྱེད་ཀ་མེད་པའི་བུ་ལོན་ལ་ཁ་ཕྱོགས་བཞིན་ཡོད། ཁྱིམ་ཚང་མང་པོ་ཞིག་གིས་སྐྱེད་ཀ་མེད་པའི་བུ་ལོན་ལ་ཁ་ཕྱོགས་པའི་རྒྱུ་མཚན་ནི། ནང་ཆས་ཉོ་ཆེད་དང་། རླངས་འཁོར་ཉོ་ཆེད་དང་། འགྲིམ་འགྲུལ་གྱི་འགྲོ་གྲོན་ཆེད་དུ་ཡིན་ཞིང་། དེ་དག་ནི་ཁྱིམ་ཚང་ཚང་མར་མེད་ཐབས་མེད་པ་ཞིག་ཡིན། འོན་ཀྱང་། དེ་དག་ནི་ལས་ཀ་དང་ཡོང་འབབ་རྒྱུན་སྲིང་བྱེད་པ་ལའང་གལ་ཆེན་པོ་ཆགས་ཡོད། གལ་སྲིད། རང་ཉིད་ལ་རླངས་འཁོར་མེད་པའམ་སྐྱེལ་འདྲེན་གྱི་འགྲོ་གྲོན་སྤྲོད་མ་ཐུབ་པ་ཡིན་ན། རང་ཉིད་ལ་ཡོང་འབབ་ཤོར་བའི་དཀའ་ངལ་འཕྲད་རྒྱུ་རེད། དེ་འདྲ་སོང་ཙ་སྐྱེད་ཀ་མེད་པའི་བུ་ལོན་གྱིས་ལས་ཀ་དང་ཡོང་འབབ་རྒྱུན་སྲིང་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ན་ནིང་གི་གྲངས་ཐོ་ལྟར་ན་སྐྱེད་ཀ་མི་དགོས་པའི་བུན་ལོན་གཡར་མཁན་མང་ཤོས་ནི་ལོ་ན་ ༣༥ ནས་ ༣༩ བར་ཡིན་སྐོར་གསལ་འདུག

བུན་གཡར་ལས་གཞི་དེའི་སྤྱི་ཁྱབ་འགན་འཛིན་ཁོང་ལེ་ Kong Le ལགས་ཀྱིས་ཉེ་བའི་ཆར་ཁོང་ཚོས་བུན་ལོན་དེ་གཡར་རྒྱུ་ལས་སླ་རུ་བཏང་ཡོད་ཅེས་གསུངས་འདུག

ཁོ་མོས་ཉེ་བའི་ཆར་ང་ཚོས་བུན་ལོན་དེ་སུ་ལ་གཡར་གྱི་ཡོད་པ་རེད་ཟེར་ན། དེང་སང་འཚོ་བའི་འགྲོ་གྲོན་འཕར་ཡོད་དུས་བུན་ལོན་དེའི་རག་རྒྱུའི་ཆ་རྐྱེན་ལས་སླར་རུ་བཏང་ཡོད། མི་སྒེར་པ་ཞིག་ཡིན་ན་ལོ་རེའི་ཡོང་འབབ་ཨོ་སྒོར་ཁྲི་བདུན་ ༧༠༠༠༠ དང་ཡང་ན་དེ་ལས་ཉུང་བ་དང་། བཟའ་ཚང་ཞིག་ཡིན་ན་ལོ་རེར་ཡོང་འབབ་ཨོ་སྒོར་འབུམ་གཅིག་ ༡༠༠༠༠༠ མན་ཆད། དེ་བཞིན་མི་སུ་ཞིག་ཁྱིམ་ཚང་ནང་དྲག་རྩུབ་ཀྱི་དཀའ་ངལ་འཕྲད་མྱོངས་ཡོད་པ་དང་། དེ་བཞིན་དམིགས་བསལ་འཕྲོད་བསྟེན་ལྟ་སྐྱོང་གི་ཐོབ་ཐང་ཡོད་མཁན་བཅས་ལ་སྐྱེད་ཀ་མི་དགོས་པའི་བུན་ལོན་དེ་གཡར་གྱི་ཡོད་པ་རེད་ཅེས་གསུངས་འདུག

Share