ཨོ་གླིང་ནང་གློག་ཆས་དང་གློག་རྫས་རྙིང་པའི་གད་སྙིགས་རིགས་བསྐྱར་དུ་སྤྱོད་སྟངས།

9189-AusExpl_Social_1080x1350_LongLeftAligned_Orange.png

Get the SBS Audio app

Other ways to listen

གལ་སྲིད་ཁྱེད་རང་གི་ནང་ལ་གློག་ཆས་དང་གློག་རྫས་རྙིང་པ་རིགས་དེ་འདྲ་ཡོད་ཚེ་ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡོད་དམ། དེ་ཚོ་བསྐྱར་དུ་བེད་སྤྱོད་གཏོང་ཐབས་བྱེད་ཀྱི་ཡོད་དམ། ཨོ་སི་ཁྲུ་ལི་ཡའི་ནང་གློག་ཆས་ཀྱི་རིགས་ས་ཐོག་ཏུ་གང་བྱུང་གཡུག་ཆོག་གི་མེད། དེ་ཡང་བརྙན་འཕྲིན་དང་། གློག་ཀླད། ཁ་པར། གློག་རྫས་རིགས་སོགས་གློག་ཆས་དང་འབྲེལ་བའི་ཅ་དངོས་རིགས་དུས་རྒྱུན་ང་ཚོས་གད་སྙིགས་བླུག་སའི་སྣོད་ནང་གཡུག་ཆོག་གི་མེད་པ་རེད།


ཨོ་སི་ཁྲུ་ལི་ཡའི་མི་རྣམས་ནི་གློག་ཆས་ཀྱི་རིགས་མངག་ཉོ་དང་བེད་སྤྱོད་ཤུགས་ཆེ་གཏོང་མཁན་ཞིག་ཡིན། ང་ཚོས་རྒྱལ་ཁབ་ནང་གློག་ཆས་ཀྱི་རིགས་ཕོན་ཆེ་ཆུང་ག་ཚོད་ཅིག་བེད་སྤྱོད་གཏོང་བཞིན་ཡོད་མེད་རྩ་བ་ནས་བཤད་མི་ཐུབ། 

སྤྱིར་གློག་ཆས་ཀྱི་རིགས་འཕྲོ་བརླག་ཕྱིན་རྗེས་རིན་ཐང་མེད་པའི་དངོས་པོ་ཞིག་ཆགས་ཟིན་ཡང་། གློག་ཆས་ཀྱི་རིགས་གང་བྱུང་དུ་གཡུག་ཚེ་དེས་གནོད་འཚེ་ཤུགས་ཆེ་ཐེབས་ཀྱི་ཡོད་པས་མ་ཚད། ཕྱོགས་གཞན་ཞིག་ནས་གློག་ཆས་ཀྱི་རིགས་ལ་རིན་ཐང་ཆེ་བའི་ཆ་ཤས་ཡང་ཡོད་པ་རེད། དཔེར་ན་དེའི་ནང་ལྕགས་རིགས་ཀྱང་མང་པོ་ཡོད་པས་དེ་ཚོ་བསྐྱར་དུ་བེད་སྤྱོད་གཏང་ཐུབ་ཀྱི་ཡོད།

ཉེ་ཆར་རང་ཨོ་སི་ཁྲུ་ལི་ཡའི་གནམ་གཤིས་འགྱུར་ལྡོག་དང་། ནུས་ཤུགས། ཁོར་ཡུག ཆུ་བཅས་ཀྱི་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་གད་སྙིགས་སྐོར་གྱི་སྙན་ཐོ་ གསར་པ་ཞིག་གི་ནང་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་ཨོ་སི་ཁྲུ་ལི་ཡས་གློག་ཆས་རིགས་ཀྱི་གད་སྙིགས་ཁྱོན་ཏུན་ 531,000 ཙམ་བསྐྱར་དུ་བེད་སྤྱོད་ཀྱིས་ཐོན་སྐྱེད་བཟོ་བསྐྲུན་བྱས་ཡོད་སྐོར་གསལ་འདུག 

རཱ་བྷེ་ཁཱ་གྷེ་ལིན་ Rebecca Gilling ལགས་ནི་ Planet Ark ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཞིག་གི་འགན་འཛིན་ཡིན་ཞིང་། ཁོ་མོས་ཨོ་སི་ཁྲུ་ལི་ཡའི་མི་རྣམས་ཀྱིས་གློག་ཆས་རིགས་ཀྱི་གད་སྙིགས་ག་ཚོད་བཟོ་བཞིན་ཡོད་མེད་འགྲེལ་བརྗོད་གནང་དོན།

ཨོ་སི་ཁྲུ་ལི་ཡའི་མི་རེས་ཆ་སྙོམས་གློག་ཆས་རིགས་ཀྱི་གད་སྙིགས་སྤྱི་རྒྱ་ ༢༠ བཟོ་བཞིན་ཡོད་པས་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་མིས་བཟོ་བཞིན་པའི་གད་སྙིགས་སྤྱི་རྒྱ་ ༧ ལས་ཚད་གཞི་ཤིན་ཏུ་མཐོ་བ་ཆགས་ཡོད། དེའི་ནང་གློག་ཆས་རིགས་ཀྱི་གད་སྙིགས་བརྒྱ་ཆ་ ༣༥ ཙམ་བསྐྱར་བཅོས་དང་། བརྒྱ་ཆ་ ༥༤ ཙམ་བསྐྱར་དུ་ཅ་དངོས་ཐོན་བསྐྱེད་གཞན་བཟོ་བཞིན་ཡོད་སྐོར་བརྗོད་འདུག 

གློག་ཆས་གད་སྙིགས་ཀྱི་རིགས་ནང་ཅི་ཡང་རུང་བ་ཡིན་ཆོག་སྟེ། དེའི་ནང་བག་ལེབ་སྲེག་ས་ནས་ཉི་གློག་གི་པང་ལེབ་བར་གློག་ཆས་ཀྱི་རིགས་གང་ཡང་རུང་བ་ཡིན་ཆོག

གློག་ཆས་རིགས་ཀྱི་གད་སྙིགས་བླུག་སྣོད་ཅིག་མེད་པའི་རྒྱུ་མཚན་ཁ་ཤས་ཡོད་པ་དང་། དེའི་ནང་ཁོར་ཡུག་གི་གནད་དོན་དང་བདེ་འཇགས་སོགས་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད།

མཚམས་རེ་གློག་རྫས་ཆུང་ཆུང་དེ་འདྲ་ཞིག་གིས་ཀྱང་འབར་གས་ཀྱིས་གད་སྙིགས་སྤུངས་སར་མེ་སྐྱོན་ཡོང་གི་ཡོད་པ་རེད།

ལྕམ་གྷ་ལིན་ Ms Gilling ལགས་ཀྱིས་གློག་རྫས་དེ་རིགས་ས་གནས་གང་དུ་གཡུག་དགོས་ཀྱི་ཡོད་མེད་འགྲེལ་བརྗོད་གནང་དོན།

ང་ཚོས་མི་རྣམས་ལ་གློག་རྫས་རྙིང་པ་རིགས་བསྐྱར་སྤྱོད་བྱེད་ས་སྐྱེལ་སྟངས་ལམ་སྟོན་བྱེད་ཀྱི་ཡོད། དེ་ཡང་གློག་རྫས་རྙིང་པ་རིགས་སྐྱེལ་སའི་ས་གནས་ཁག་འགའ་ཤས་ཡོད་པ་རེད་དེའི་ནང་རང་འདེམས་ཚོང་ཁང་ཡོད་ས་མང་ཆེ་བ་དང་ས་གནས་གཞན་དག་དེ་འདྲ་ལ་ཡང་ཡོད་པ་རེད། ང་ཚོས་མི་རྣམས་ལ་གློག་རྫས་དེ་ཚོ་འགྱིག་ཤོག་དེ་འདྲས་གཏུམ་དགོས་སྐོར་བརྗོད་ཀྱི་ཡོད། དེས་མེ་འབར་ནས་གཅིག་ནས་གཅིག་ལ་མེ་མི་མཆེད་པའི་ཕན་ཐོག་ཡོད་པ་རེད་ཅེས་གསུངས་འདུག

ཚོད་དཔག་བྱས་ན་ཨོ་སི་ཁྲུ་ལི་ཡའི་ནང་བེད་སྤྱོད་བྱས་པའི་གློག་རྫས་ས་ཐོག་ཏུ་ལྷུང་བ་བརྒྱ་ཆ་ ༩༠ ཙམ་གྱི་དེ་དག་གི་དུག་རྫས་ཁོར་ཡུག་ནང་འགྲོ་བཞིན་ཡོད་འདུག

ཡིན་ན་ཡང་གློག་རྫས་རྙིང་པའི་གད་སྙིགས་ས་ཆ་ཏག་ཏག་ལ་གཡུག་ཡོད་པ་དེ་ཚོ་བརྒྱ་ཆ་ ༩༥ ཙམ་བསྐྱར་དུ་བེད་སྤྱོད་བཏང་ནས་ཐོན་རྫས་གསར་པ་བཟོ་བཞིན་ཡོད་འདུག 

ཨོ་སི་ཁྲུ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཁག་ཅིག་གི་འགོ་ཁྲིད་ཚོས་ ཞེས་པའི་བཟོ་ཚོང་ཁང་དེ་དང་མཉམ་ལས་ཀྱིས་ཁྱིམ་ཚང་ནང་སྤྱོད་བཞིན་པའི་གློག་རྫས་རིགས་བསྐྱར་དུ་བེད་སྤྱོད་དང་ཐོན་རྫས་གསར་པ་བཟོ་བཞིན་ཡོད་འདུག

ཡིན་ན་ཡང་གློག་རྫས་རིགས་ཚང་མ་ ཞེས་པ་དེར་བེད་སྤྱོད་ཆགས་ཀྱི་མེད་པ་རེད། དེའི་ནང་གློག་རྫས་ཆེན་པོ་རིགས་དཔེར་ན་མོ་ཊའི་གློག་རྫས་སོགས་སྐྱེལ་ས་གཞན་ཡོད་འདུག 

ཨོ་སི་ཁྲུ་ལི་ཡའི་ཁྱོན་དུ་གློག་ཆས་ཅ་དངོས་ཀྱི་རིགས་བསྐྱར་དུ་ཐོན་སྐྱེད་བྱེད་སའི་ལྟེ་གནས་མང་པོ་ཞིག་ཡོད་པའི་ནང་། དེའི་ནང་བརྙན་འཕྲིན་དང་། གློག་ཀླད་རིགས། ཁ་པར་རིགས་དང་ད་དུང་དེ་དག་གི་ཡན་ལག་ཆ་ཤས་རིགས་བསྐྱར་སྤྱོད་དང་བསྐྱར་དུ་ཐོན་སྐྱེད་བཟོ་བསྐྲུན་བྱེད་བཞིན་ཡོད་ཅིང་། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ Planet Ark ཡི་འགན་འཛིན་ལྕམ་རཱ་བྷེ་ཁ་གྷེ་ལིན་ལགས་ཀྱིས་གློག་ཆས་ཀྱི་ཅ་དངོས་གད་སྙིགས་དེ་རིགས་རིན་མེད་ཐོག་གང་དུ་གཡུག་དགོས་མིན་འགྲེལ་བརྗོད་གནང་དོན།

ཁོ་མོས་ རྒྱལ་ཡོངས་བརྙན་འཕྲིན་དང་གློག་ཀླད་བསྐྱར་སྤྱོད་ལས་གཞི་དེ་ཕྱི་ལོ་ ༢༠༡༡ ལོ་ནས་འགོ་འཛུགས་བྱས་ཡོད་པ་དང་། དེའི་ནང་མི་མང་པོ་ཞིག་གིས་བརྙན་འཕྲིན་དང་། གློག་ཀླད་རྙིང་པ་དང་དེ་ཚོའི་ཡོ་བྱད་སོགས་ས་གནས་གྲོང་སྡེ་ལྷན་ཁང་གིས་གཏན་འཁེལ་བྱས་པའི་ས་གནས་སུ་སྐྱེལ་ཡོང་གི་ཡོད་པ་རེད། གློག་ཆས་ཅ་དངོས་རྙིང་པ་དེ་ཚོ་གཡུག་ས་ས་གནས་གྲོང་སྡེ་ལྷན་ཁང་ཁག་ལ་ཡོད་པ་རེད་ཅེས་གསུངས་འདུག 

Share