ཨོ་གླིང་དབོན་སྤྲུལ་ཆོས་ཚོགས་ཀྱིས་སྟོན་པ་ཐུབ་པའི་དབང་པོའི་ཞལ་ཐང་མཐོང་གྲོལ་རིན་པོ་ཆེ་བཤམ་སྟོན།

The Ontrul Centre Australia hold a special exhibition of the Buddha Shakyamuni Thangka.jpg

Get the SBS Audio app

Other ways to listen

ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢༦ དང་བོད་ཟླ་བཞི་པ་ཚེས་ ༡༨ རེས་གཟའ་ཉིན་མ་ཉིན་བདག་བཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་དང་། མངོན་པར་རྫོགས་པ་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཚིགས་གསུམ་འཛོམས་ཀྱི་ས་ག་ཟླ་བའི་དུས་ཆེན་དང་སྟབས་བསྟུན། ཨོ་གླིང་དབོན་སྤྲུལ་ཆོས་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིའི་གྲོང་ཁྱེར་བྷིར་སི་བྷིན་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ཐང་མཐོང་གྲོལ་རིན་པོ་ཆེ། མཐའ་འཁོར་དུ་གུ་རུ་རིན་པོ་ཆེ་དང་། ཚེ་ལྷ་རྣམ་གསུམ་བཅས་བཞུགས་པའི་ཧྥི་ཊི་ ༣༥ ཅན་གྱི་ཞལ་ཐང་ཆེན་མོ་ཞིག་མི་མང་ལ་མཇལ་ཁ་གཤམ་སྟོན་གནང་ཡོད་པ་རེད།


ཞལ་ཐང་ཆེན་མོ་འདི་བཞིན་བཞེངས་བསྐྲུན་བྱས་པ་བརྒྱུད། དེའི་འཐུས་ཀྱི་བྱིན་རླབས་ཀྱིས་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། དཔལ་ལྡན་འབྲུག་པའི་མཁན་རབ་བདུན་ཅུ་པ་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་དབུས་རིས་སུ་མ་ཆད་པའི་རྒྱལ་བསྟན་འཛིན་པའི་སྐྱེས་ཆེན་རྣམས་སྐུ་ཚེ་རིང་དུ་འཚོ་ཞིང་མཛད་འཕྲིན་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་ཆེད་དུ་དང་། རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་། འཛམ་གླིང་ཞི་བདེའི་བཅས་ཀྱི་ཆེད་དུ་དམིགས་ཡོད་སྐོར་དབོན་སྤྲུལ་ཆོས་ཚོགས་ཀྱིས་འགྲེལ་བརྗོད་གནང་འདུག

Share